ཨི་སི་རེལ་གྱི་སྲིད་བློན་གྱིས་གྷ་ཛའི་ལྷོ་ཕྱོགས་གྲོང་ཁྱེར་ར་ཧྥ་རུ་དམག་གཏོང་རྒྱུ་ཐག་གཅོད་གནང་ཡོད་པ་དང་། ཨ་རིའི་དམག་སྡེ་ཡིས་གྷ་ཛའི་མཚོ་འགྲམ་དུ་འབབ་ཚིགས་གསར་བཟོ་བྱེད་བཞིན་ཡོད་པ་དེ་ནི་མི་དམངས་ལ་རོགས་རམ་གནང་ཆེད་རེད། གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨ་རིའི་བཟོ་སྐྲུན་དམག་མི་དེ་དག་གི་བདེ་འཇགས་ལ་བློ་འཚབ་ཡོད་པ་བསྟན།
༄༅། ཨི་ཌ་ལི་ཡི་སྤྲོ་གསེང་མཚོ་གླིང་ཀབ་རི་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་མང་དྲགས་ཏེ་ས་གནས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་སོགས་གང་ཅིར་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། སྲུ་རྡན་ཡུལ་དུ་མུ་གེ་བཀྲེས་ལྟོག་གི་མནར་བའི་རྐྱེན་གྱིས་ཡུལ་མི་འགའ་ཞིག་གིས་ས་དང་ཐལ་བ་ ལོ་མ་སོགས་བཟའ་དགོས་པའི་གནས་སྟངས་ཆགས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཨི་སི་རེལ་དང་ཧ་མ་སི་ཡི་དབར་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ལམ་ལྷོངས་བྱུང་མེད་ཀྱང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེས་གཟའ་ཟླ་བའི་ཉིན་དཀྱིལ་ཤར་མངའ་ཁུལ་དུ་ཕེབས་ནས་ད་ལྟའི་དམག་འཁྲུག་འདི་མཇུག་སྒྲིལ་བྱས་པའི་རྗེས་མངའ་ཁུལ་དེའི་ནང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སོགས་སུ་གྲོས་མོལ་རིམ་པ་ཞིག་གནང་ཡོད།
གཟའ་ཟླ་བའི་ཉིན་ཡུག་ཀེ་རེན་གྱི་གྲོང་ཁྱེར་ཨོ་ཌེ་ས་རུ་ཨུ་རུ་སུས་རྒོལ་རྡུང་བཏང་ནས་མི་ཤི་རྨས་བྱུང་ཡོད་པ་དང་། གྲོང་ཁྱེར་སྤྱི་ཁྱབ་ཀྱིས་མྱ་ངན་གྱི་ཉིན་མོ་གསལ་བསྒྲགས་གནང་། སྲིད་འཛིན་ཛེ་ལེན་སི་ཀིས་ནུབ་ཕྱོགས་ནས་མཚོན་ཆ་དང་དམག་གི་ཡོ་ཆས་རྣམས་འབྱོར་བཞིན་ཡོད་ན་འང་དེ་རྣམས་དུས་ཐོག་ལ་འབྱོར་དགོས་ཀྱི་འདུག་ཅེས་གསུངས་ཡོད།
པ་ལི་སི་ཐན་གྱི་ཧ་མ་སི་དང་ཧྥ་ཐ་ཤོག་ཁག་གི་སྐུ་ཚབ་ཚོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འདུས་ནས་ཞི་འགྲིག་བྱ་རྒྱུའི་འདུན་པ་ཡོད་ཅེས་གྲོས་མཐུན་བྱུང་། ༢༠༠༧་ནས་ཧ་མ་སི་ཤོག་ཁག་གིས་གྷ་ཟ་ཐང་གཤོང་ལ་དབང་བསྒྱུར་བྱས་པ་དང་ཧྥ་ཐ་ཤོག་ཁག་གིས་ནུབ་འགྲམ་ལ་དབང་བསྒྱུར་བྱས་ནས་པ་ལི་སི་ཐན་གྱི་ཤོག་ཁག་དེ་དག་གི་འགལ་ཟླ་འདུམ་མ་ཐུབ་པར་ལུས།
ཉེ་ཆར་མལ་ཌི་ཝེ་སིའི་སྲིད་འཛིན་གྱི་ཆབ་སྲིད་ཚོགས་པར་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་བརྟེན་ཁོང་གིས་རྒྱ་གར་ཚབ་ཏུ་རྒྱ་ནག་ལ་འབྲེལ་ལམ་ཉེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། མཚོ་གླིང་རྒྱལ་ཁབ་དེར་རྒྱ་གར་དང་རྒྱ་ནག་གཉིས་ཀས་ཤུགས་རྐྱེན་འཇོག་ཐབས་ཀྱི་འགྲན་བསྡུར་བྱེད་བཞིན་པ་རེད།།
༄༅། །ཨུ་རུ་སུས་ཡུཀ་རེན་གྱི་ས་ཆ་འདྲ་མིན་དུ་ཞི་བའི་མི་མང་གི་སྡོད་ཁང་དང་སློབ་གྲྭ་སོཊ་ལ་དྲག་རྒོལ་བྱས་པ་སོཊ་ཡུཀ་རེན་དུ་ཨུ་རུ་སུའི་བཙན་འཛུལ་མདུན་སྐྱོད་འབྱུང་ནའང་ཡུཀ་རེན་གྱིས་རྣམ་པར་རྒྱལ་ཐུབ་པ་ཡོད་པ་ཅིས་ནེ་ཊོའི་སྤྱི་ཁྱབ་ཀྱིས་གསུངས་པ་སོཊ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུས།
རྒྱ་ནག་གིས་པཱ་ལི་སི་ཐན་མི་རིགས་ཀྱི་ཁ་གཏད་ཤོག་ཁག་གཉིས་ཀྱི་འགལ་ཟླ་སེེལ་རྒྱུའི་ཆེད་དུ་གྲོས་མོལ་ཞིག་གོ་སྒྲིག་བྱས་ཡོད་པ་དང་གྲོས་མོལ་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ལུགས་གནས་ཚུལ་སྤེལ་བ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
༄༅།། རྒྱ་གར་གཞུང་གིས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ནང་དུ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཨ་རིའི་ས་ཐོག་ཏུ་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་གུར་པ་ཏ་ཝན་ཏ་སིང་པན་ནུན་གསོད་དགོས་པའི་བཀའ་བཏང་བ་རེད་ཅེས་གསར་འགྱུར་སྤེལ་བ་ནི་ཁུངས་ལུང་མེད་པ་ཞིག་རེད་ཅེས་དགག་པ་བརྒྱབ།
༄༅། །ཡུ་རོབ་ནང་གཞུང་འབྲེལ་འཚམས་འདྲིར་ཕེབས་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁྲིམས་བཟོ་བ་ཁག་དང་མཇལ་འཕྲད་ཞུས་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ཕྱི་ཟླ་༥པའི་ཚེས་༦ནས་༧བར་ཉིན་གཉིས་རིང་ཕྷ་རན་སིར་འཚམས་གཟིགས་ཆེད་དུ་འབྱོར་གྱི་ཡོད་པ་དང་། །ཡིན་ནའང་དེང་སྐབས་ཡོ་རོབ་དང་རྒྱ་ནག་དབར་ཚོང་འབྲེལ་དང་སོ་ཉུལ་གྱི་གནས་ཚུལ་སོགས་རྩོད་གཞི་མང་པོ་ཞིག་ཡོད་བཞིན་པའི་སྐབས་སུ་ཡིན་པའི་སྐོར་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
མང་སྣོན།