ཨ་རིའི་མངའ་སྡེ་༢༥ཡི་ནང་ལ་འགྲེམས་སྤེལ་བྱས་པའི་རྒྱན་ཤོག་མིང་ལ་Powerball པཱ་ཝར་སྦཱོལ་ཟེར་བའི་ཨ་སྒོར་དུང་ཕྱུར་༡༣ཡོད་པའི་བྱ་དགའ་ཐོབ་མཁན་ནི་སྐྲན་ནད་ཀྱི་ནད་པ་ཞིག་བྱུང་པ་དང་། ཁོང་གིས་ Iu Mien གཡུའི་མི་ཨིན་ཟེར་བའི་མི་རིགས་གོ་ཐོས་དེ་ཙམ་མེད་པ་ཞིག་གི་སྐོར་ལ་གོ་རྟོཊ་སྤེལ་བའི་གནས་ཚུལ།
༄༅།། ཨ་རི་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་གྷ་ཟའི་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་བྷ་ཌན་གྱིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་། དམངས་གཙོ་ཚོགས་པ་གནད་དོན་དེའི་ཐོག་ཏུ་ཤོག་ཁག་གཉིས་སུ་ཆད།
སློབ་གྲྭའི་འཛིན་སྐྱོང་གི་ཉེན་བརྡ་གཏོང་བཞིན་པར་མ་ལྟོས་པར། ཨ་རིའི་སློབ་ཆེན་ཁ་ཤས་སུ་པ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བཞིན་པ་རེད། གཟའ་ཟླ་བའི་ཉིན་ཝ་ཤིང་ཊོན་མངའ་སྡེའི་ཝ་ཤིང་ཊོན་སློབ་ཆེན་དུ་ལས་འགུལ་སྤེལ་ས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་ཞུས
ཨ་རིའི་ཆབ་སྲིད་བརྗོད་པའི་སྐབས་སུ་མངའ་སྡེ་དམར་པོ་དང་མངའ་སྡེ་སྔོན་པོ་ཟེར་བ་ནི་རྒྱུན་པར་ཐོས་ཡོང་། ལོ་རབས་དྲུག་ཅུ་བ་དང་བདུན་ཅུའི་ནང་ཁ་དོག་ཅན་གྱི་བརྙན་འཕྲིན་དར་བའི་སྐབས་སུ། བརྙན་འཕྲིན་ཁང་དག་གིས་ཁ་དོག་བཀོལ་ནས་འོས་བསྡུའི་ཉིན་མོའི་གྲུབ་འབྲས་འགྲེལ་བཤད་རྒྱག་འགོ་ཚུགས།
ཨ་རིའི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་རྭ་བའི་ནང་ པེ་ལེསེ་ཀྲན་ལ་རྒྱབ་བསྐྱོར་ཆེད་ལས་འགུལ་སྤེལ་མཁན་ཚོས་ངོ་རྒོལ་མཚམས་འཇོག་མ་བྱས་པར་གཟའ་མིག་དམར་གྱི་སྔ་དྲོར་སློབ་ཆེན་དེའི་ཚོགས་ཁང་ཞིག་ཏུ་བཙན་འཛུལ་གྱིས་ངོ་རྒོལ་སྤེལ་གྱི་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཨ་མི་རི་ཀའི་དེང་རབས་འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་འདི་ལོའི་སྲིད་འཛིན་འོས་མི་གཉིས་ཀྱི་གློག་ལེབ་Chip ་ཐོག་སྲིད་ཇུས་ཅི་འདྲ་ཞིག་འཛིན་མིན་གྱི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་བྷ་ཌན་གཞུང་འཛིན་ཁང་གིས་འཕྲུལ་རིག་བཟོ་ལས་འདིའི་ཐོག་མ་རྩ་འགྲོ་གྲོན་རྒྱ་ཆེ་གཏོང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
༄༅།། Tesla ཀྲེ་སི་ལ་གློག་གི་མོ་ཌའི་བཟོ་ཚོང་བདག་པོ་ཨི་ལོན་མཱ་སི་ཡིས་གཟའ་ཉི་མའི་ཉིན་ཕྱི་བསྒྲགས་མེད་པར་རྒྱ་ནག་ལ་བསྐྱོད་ནས་གློག་གི་མོ་ཌ་གསར་པའི་གཉེན་ཆས་ཚོང་འགྲེམ་བྱ་རྒྱུའི་ཆོག་མཆེན་རག་ཐབས་བྱེད་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ད་རེས་པེ་ཅིང་དུ་ཞི་ཅིན་ཕིང་དང་མཇལ་མོལ་བྱས་ཏེ་ཕྱིར་ལོག་གནང་རྗེས་རྒྱ་ནག་ནས་ཐའེ་ཝན་གྱི་མཁའ་དབྱིངས་དང་མཚོ་ཐོག་གི་ཉེ་འཁྲིས་སུ་དྲག་པོའི་སྡིགས་ར་བསྐྱར་དུ་བསྐུལ་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། །ཨེ་སི་རལ་དང་ཧཱ་མཱ་སིའི་དབར་གྱི་དམག་འཐབ་ལ་བརྟེན་ནས་ཨ་མི་རི་ཀའི་གཙུག་ལག་སློབ་གཉེར་ཁང་གི་པ་ལི་སི་ཐན་ཚོར་རྒྱབ་སྐྱོར་བྱེད་མཁན་ངོ་རྒོལ་བ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་དེ་དག་ལ་ཉེས་པ་ཆག་ཡང་གཏོང་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
རེས་གཟའ་སྤེན་པའི་དགོང་དྲོ་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་ལོ་རེའི་གསར་འགོད་པའི་གསོལ་སྟོན་ལྷན་ཚོགས་སྐབས་རྒྱུན་སྲོལ་ལྟར་ལས་ཐོག་སྲིད་འཛིན་མཆོག་ནས་གསུང་བཤད་ནང་རང་ཉིད་དང་ཁ་གཏད་སྲིད་འཛིན་འོས་མི་ཊམ་བཅས་པར་ཟུར་ཟའི་གོ་རྒྱུ་ཤུགས་ཆེ་ཡོད་པའི་བསྟན་བཤིག་གི་བཀའ་མོལ་ཁག་གཅིག་གསུངས་ཡོད་པའི་སྐོར།
ཨ་རིའི་སྲིད་འཛིན་གྱི་ལས་གནས་འདི་ནི་ཨ་རིའི་རྩ་ཁྲིམས་སུ་འཁོད་པའི་ཆ་རྐྱེན་དག་དང་འཚམས་པའི་གང་ཟག་འབའ་ཞིག་ལ་ཐོབ་ཐུབ་པ་ཡིན། ཆ་རྐྱེན་དེ་དག་ནི་ཉུང་མཐར་ཡང་དགུང་ལོ༣༥ ལ་སླེབས་པ། ཨ་རིའི་ནང་ལོ་༡༤ ལ་འཚོ་སྡོད་བྱས་པ། ཨ་རིར་སྐྱེས་པའི་མི་སེར་ཡིན་པ་བཅས་སོ།།
མིས་བཟོས་རིག་ནུས་སམ་བཅོས་རིག་ནི་ཨ་རིའི་ཆབ་སྲིད་དང་། འོས་བསྡུའི་མ་དངུལ་འདུ་འགོད། དྲིལ་བསྒྲགས་སོགས་ཚན་པ་མང་པོར་ཁྱབ་ཡོད། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཅོས་རིག་གིས་བཟོས་པའི་བརྗོད་བྱ་ཚད་བཀག་བཟོ་ཐབས་གནང་གི་ཡོད། ལོ་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་དེས་འོས་འཕེན་པའི་བདེན་རྫུན་དབྱེ་འབྱེད་ལ་ཉེན་ཁ་གསར་པ་བཟོས་ཡོད
མང་སྣོན།