ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

དབྱར་རྩྭ་དགུན་འབུ་རྫུན་མ་དང་བོད་མིའི་འབྲོག་པའི་འཚོ་བར་དོ་ཕོག


དབྱར་རྩྭ་དགུན་འབུ་ཡག་ཤོས་རྒྱ་མ་གང་ལ་རྒྱ་སྒོར་༨༥༠༠ ཙམ་དང་རྐང་རེ་རེར་རྒྱ་སྒོར་༦༠ ནས་༧༠བར་རག་གི་ཡོད
དབྱར་རྩྭ་དགུན་འབུ་ཡག་ཤོས་རྒྱ་མ་གང་ལ་རྒྱ་སྒོར་༨༥༠༠ ཙམ་དང་རྐང་རེ་རེར་རྒྱ་སྒོར་༦༠ ནས་༧༠བར་རག་གི་ཡོད

ལོ་ལྟར་ཕྱི་ཟླ་ལྔ་བ་དང་དྲུག་པ་གཉིས་ནི་བོད་ནང་གི་དབྱར་རྩ་དགུན་འབུའི་ཐོན་ཁུངས་ཆེ་ཤོས་ཡུལ་ཤུལ་དང་། ནག་ཆུ། སྦྲ་ཆེན། སི་ཁྲོན་བཅས་ནང་གི་འབྲོག་པ་ཚོས་རི་ལ་དབྱར་རྩྭ་དགུན་འབུ་བཀོག་པར་འགྲོ་བའི་དུས་ཚོད་ཡིན་པ་ལྟར་ད་ལོ་ཡང་དབྱར་རྩྭ་དགུན་འབུ་བཀོག་པར་འགྲོ་འགོ་ཚུགས་ཡོད་པ་རེད།དབྱར་རྩྭ་དགུན་འབུ་ནི་བོད་ནང་གི་འབྲོག་པ་ཚོའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་ཞིག་ལ་གྱུར་ཡོད་འདུག ཡིན་ན་ཡང་༢༠༢༡ཙམ་ནས་རྒྱ་ནག་ནང་ཁུལ་ནས་མིས་བཟོས་པའི་དབྱར་རྩ་དགུན་འབུ་གོང་ཁེ་པོའི་ཐོག་ཁྲོམ་རར་ཤུགས་ཆེ་ཐོན་པ་ལ་རྟེན་ནས་བོད་ཀྱི་འབྲོག་པ་ཚོའི་རི་སྐྱེས་དབྱར་རྩ་དགུན་འབུ་རིན་གོང་ལྡབ་ཀྱིས་ཧ་ཅང་མར་ཆགས་པ་ལ་རྟེན་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག། དེར་རྟེན་བོད་ནང་དེང་སྐབས་འབྲོག་པ་ཚོའི་འཚོ་བ་ལ་གོད་ཆགས་མ་ཡོང་སྔོན་འགོག་ཆེད་མིས་བཟོས་དབྱར་རྩ་དགུ་འབུ་བོད་ནང་ཚོང་སྒྱུར་བཀག་འགོག་བྱེད་དགོས་པའི་སྐོར་ས་གནས་སོ་སོར་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ལ་ཞུ་གཏུག་དང་དྲ་ཐོག་ནས་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད་འདུག

བོད་ནང་ཡུལ་ཤུལ་ཕྱོགས་ཀྱི་བོད་མི་ཞིག་གིས་བོད་ནང་འབྲོག་པ་མང་ཆེ་བའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་དབྱར་རྩྭ་དགུན་འབུ་ལ་རྟེན་ཡོད་ཀྱང་ཕྱི་ལོ་༢༠༢༡ ལོ་ཙམ་ནས་མིས་བཟོས་དབྱར་རྩདེང་སྐབས་རྒྱ་ནག་གི་མིས་བཟོས་དབྱར་རྩྭ་དགུན་འབུ་ཁྲོམ་རར་གོང་ཁེ་པོ་བྱེ་ཏེ་ཉིན་རེ་བཞིན་འགྲེམ་ཚོང་བྱེད་མཁན་མང་དུ་འགྲོ་བཞིན་པ་ལ་རྟེན་ནས་བོད་ཀྱི་རི་སྐྱེས་དབྱར་རྩྭ་དགུན་འབུ་ཁྲོམ་རར་གོང་ཚད་ཆགས་ཡོད་པ་དང་དེ་སྔོན་ལྟར་གོང་ཚད་ཐོག་བྲིན་ཁ་རྒྱུག་གི་མེད་པའི་དཀའ་ངལ་དང་མིས་བཟོས་དབྱར་རྩྭ་དགུན་འབུ་དེ་བོད་ནང་བཀག་སྡོམས་བྱེད་མ་ཐུབ་ན་དབྱར་རྩྭ་དགུན་འབུ་དཔལ་འབྱོར་ཡོང་ཁུངས་གཙོ་བོར་རྟེན་བཞིན་པའི་འབྲོག་པ་ཚོར་མ་འོངས་དཀའ་ངལ་ཤུགས་ཆེ་ཕྲད་རྒྱུ་ཡིན་པའི་འབོད་སྐུལ་གནང་ཡོད་པ་རེད།

མི་སྣ་དེས་མུ་མཐུད་དུ་བརྗོད་པ་ལྟར་ན་མིས་བཟོས་དབྱར་རྩྭ་དགུན་འབུ་དང་རི་སྐྱེས་དབྱར་རྩྭ་དགུན་འབུ་གཉིས་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་ཆུང་སོགས་གནམ་སའི་ཁྱད་པར་ཡོད་པ་དང་རི་སྐྱེས་དབྱར་རྩྭ་དགུན་འབུ་ནི་བོད་ཀྱི་མཐོ་སྒང་ལ་མ་གཏོགས་མེད་ཅིང་རླུང་དང་ས་གཞི་གཙང་མ་ལ་མ་གཏོགས་སྐྱེ་གི་མེད་ལ་དབྱར་རྩྭ་དགུན་འབུར་ཆགས་པར་ལོ་གཉིས་གསུམ་འགོར་གྱི་ཡོད། ཡིན་ནའི་་མིས་བཟོས་དབྱར་རྩྭ་དགུན་འབུ་ནི་མིས་འགྱིག་གི་དྲོད་ཁང་ནང་བཏབ་པ་དང་ཟླ་བ་གཉིས་གསུམ་ནང་སྐྱེ་གི་ཡོད་པ་སོགས་གསུང་སོང་། ཁོང་གིས་དེ་སྔོན་རྒྱ་མི་ཚོས་བོད་ཀྱི་འབྲོག་ཁྱི་ཉོས་ཏེ་འབྲོག་ཁྱི་ཡག་ཤོས་ལ་རྒྱ་སྒོར་ཁྲི་སྟོང་ལྷག་དང་སྡུག་ཤོས་ལ་ཁྲི་བཅུ་ཕྲག་ཁ་ཤས་རག་གི་ཡོད་པ་རེད་དེ་ནས་རྒྱ་མི་ཚོང་པ་ཚོས་བོད་ཀྱི་འབྲོག་ཁྱི་དེ་དག་རྒྱ་ནག་རིག་བརྒྱུད་སྤེལ་ཏེ་ཚོང་ཁེ་ཆེན་པོོ་བྱུང་བ་རེད། དེ་རྗེས་དེང་སྐབས་བོད་ཀྱི་འབྲོག་ཁྱི་ཚོང་དེ་འགག་ཚར་བ་རེད། འབྲོག་ཁྱི་ཉོ་མཁན་རེ་གཉིས་ཡོད་ཀྱང་གོང་ཆུང་ཆུང་མ་གཏོགས་སྤྲོད་མཁན་མེད་དཔེ་དེ་བཞིན་རྒྱ་མིས་བཟོས་པའི་མིས་བཟོས་དབྱར་རྩ་དགུན་འབུ་དེ་བོད་ཀྱི་ཁྲོམ་རར་བཀག་མ་ཐུབ་ཚེ་བོད་ཀྱི་འབྲོག་ཁྱི་ཚོང་ཕྱི་ལ་ཤོར་བ་ལྟར་རི་སྐྱེས་དབྱར་རྩྭ་དགུན་འབུ་ཚོང་ཤོར་ཏེ་འབྲོག་པ་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད། ཡང་བོད་ཀྱི་རེ་སྐྱེས་དབྱར་རྩྭ་དགུན་འབུ་ཁྲོམ་རར་རྒྱུགས་ཐབས་སུ་ཡུལ་ཤུལ་དང་། ནག་ཆུ། སྦྲ་ཆེན། སི་ཁྲོན་བཅས་ཀྱི་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་ཐུམ་རྒྱག་སྟངས་དང་ཐུམ་སྒྲིལ་ཐོག་ས་གནས་སོ་སོའི་ལས་རྟགས་བཀོད་དེ་ཐོན་ཁུངས་ཚད་ལྡན་ཡིན་པའི་ཡིད་ཆེས་སྐྱེ་ཐུབ་པ་བཟོ་དགོས་ཚུལ་སོགས་བསམ་ཚུལ་བཤད་འདུག

སྤྱིར་དེ་སྔོན་རི་སྐྱེས་དབྱར་རྩྭ་དགུན་འབུ་ཡག་ཤོས་རྒྱ་མ་གང་ལ་རྒྱ་སྒོར་༨༥༠༠ ཙམ་དང་རྐང་རེ་རེར་རྒྱ་སྒོར་༦༠ ནས་༧༠བར་རག་གི་ཡོད་ཀྱང་ད་ཆ་རྒྱ་མ་གང་ལ་རྒྱ་སྒོར་༥༠༠༠ བར་མར་ཆགས་ཡོད་པ་དང་རྐང་རེར་རྒྱ་སྒོར་༢༠ བར་མར་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

བོད་ནང་འབྲོག་པ་མང་ཆེ་བའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་དབྱར་རྩྭ་དགུན་འབུ་ལ་རྟེན་ཡོད་
བོད་ནང་འབྲོག་པ་མང་ཆེ་བའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་དབྱར་རྩྭ་དགུན་འབུ་ལ་རྟེན་ཡོད་

ཡང་གནད་དོན་དབྱེ་ཞིབ་པ་ཚོས་དབྱེ་ཞིབ་བྱས་པ་ལྟར་ན་བོད་ནང་གི་རི་སྐྱེས་དབྱར་རྩྭ་དགུན་འབུ་སྐྱེ་ཡུལ་ནི་རྨ་ཆུ་དང། འབྲི་ཆུ། རྫ་ཆུ་ཁུལ་གཙོ་བོ་ཡིན་པ་དང་གོང་ཚད་ཆགས་དོན་ནི་དང་པོ་དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་མར་ལྷུང་བཞིན་པ་དང་གཉིས་པ་དེ་སྔོན་དབྱར་རྩྭ་དགུན་འབུ་དེ་རྒྱ་ནག་ནང་ལྐོག་ངན་སྤྲོད་ལེན་ལ་བེད་སྤྱོད་ཆེན་པོ་བྱེད་བཞིན་ཡོད་ཀྱང་ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་རྗེས་ལྐོག་རྔན་སྤྲོད་ལེན་ཉུང་དུ་ཕྱིན་པ། གསུམ་མིས་བཟོས་དབྱར་རྩྭ་དགུན་འབུ་ཁྲོམ་རར་ཐོན་པ་དང་འབྲེལ་བ་ཆེན་པོ་ཡོད་པ་སོགས་བཤད་འདུག

ཡང་དེ་དང་ཕྱོགས་མཚུངས་མཚོ་སྔོན་ཞིང་ཆེན་དྲ་བའི་ནང་གནས་ཚུལ་བཀོད་པ་ལྟར་ན་མཚོ་སྔོན་མཚོ་བྱང་ཁུལ་རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ལས་ཁུངས་ནས་མཚོ་སྔོན་ཁུལ་དུ་མིས་བཟོས་པའི་དབྱར་རྩྭ་དགུན་འབུ་གཏན་འགོག་བྱེད་དགོས་པའི་བརྡ་ཁྱབ་ཤིག་ཀྱང་བཏང་འདུག

གླེང་སྟེགས།

XS
SM
MD
LG